༈ འཇིགས་བྱེད་ཀྱི་བསྙེན་པའི་ གཏོར་འབུལ་སྐབས་འདས་མ་འདས་ཀྱི་མགྲོན་དང་ལས་གཤིན་བཅས་གསུམ་ག་ལ་བསྡུ་ན་ཉེར་སྤྱོད་གཅིག་ཐུས་བྱས་པས་ཆོག་ཞི་བའི་བཟླས་པའི་སྐབས་མགོ་འཕྲེང་གི་དཔྲལ་དཀྱིལ་གྱི་ གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས་གཉིས་པ་རེ་ཆད་ནས་རང་གི་སྙིང་གའི་དྷཱི་ཡིག་ལ་ཐིམ་པར་བསམ་ན་འཇུག་པ་བདེ་བ་ཡོང་